ཕྱི་ལོ་ ༢༠༡༡ ལོའི་ཝ་ཤིན་ཌོན་དུས་འཁོར་དབང་ཆེན་སྐོར་ངོ་སྤྲོད།
༄༅། །ཆོས་གྲོགས་ལྷན་རྒྱས་ཀྱི་སྙན་ལམ་དུ།
ཕྱི་ལོ་ ༢༠༡༡ ཕྱི་ཟླ་ ༧ ཚེས་ ༦ སྟེ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་དགུང་གྲངས་ ༧༦ ལ་ཕེབས་པའི་༧སྐུའི་འཁྲུངས་སྐར་ཉིན་མོ་ནས་འགོ་འཛུགས་ཀྱིས་ཨ་རི་འི་རྒྱལ་ས་ཝ་ཤིན་ཌོན་གྲོང་ཁྱེར་ནང་འཛམ་གླིང་ཞི་བདེའི་ཆེད་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་དང་འབྲེལ་བའི་ཆོས་ཕྱོགས་ཀྱི་ཞུ་སྒོ་དབུ་འཛུགས་བྱ་རྒྱུ་ཡིན་ཞིང་། ཉིན་མོ་དེ་ནས་བཟུང་ཉིན་བཅུ་གཅིག་རིང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དུས་འཁོར་དབང་ཆེན་གྱི་སྔོན་འགྲོའི་གསུང་ཆོས་དང་དངོས་གཞིའི་དབང་ཆེན་བཅས་བསྩལ་གནང་མཛད་རྒྱུ་རེད།
ཨ་རིའི་རྒྱལ་ས་མངའ་ཁུལ་བོད་མིའི་སྤྱི་མཐུན་ཚོགས་པས་ཁུལ་འདིར་གནས་འཁོད་བོད་རིགས་སྤྱི་དང་། བྱང་ཨ་རིའི་བོད་མི་རྣམས། དེ་བཞིན་སོག་རིགས་དང་ཁལ་མུག ཧི་མ་ལི་རི་བརྒྱུད་མི་མང་བཅས་ལག་བཏང་མཉམ་འབྲེལ་གྱིས་བྱང་ཨ་རི་དང་འཛམ་གླིང་ཁྱོན་ཡོངས་ལས་གནས་པའི་ནང་པའི་སློབ་མ་ཡོངས་ཀྱི་ཚབ་ཞུས་ཏེ་ལས་དོན་འདི་གཉེར་གྱི་ཡོད། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སྐྱེས་འགྲོ་ཡོངས་ཀྱི་འཕྲལ་ཕུགས་ཕན་བདེའི་སླད་བྱམས་བརྩེའི་རིན་ཐང་དང་རིས་མེད་ཆོས་ལུགས་གྱི་འབྲེལ་ལམ་གོང་འཕེལ་ཡོང་ཐབས་ལ་ཟབ་ཡངས་དཀྱེལ་ཆེའི་བླ་ན་མེད་པའི་མཛད་འཕྲིན་བསྐྱངས་དང་སྐྱོང་བཞིན་པའི་ཆ་ཤས་སུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་བསྩལ་གནང་གོ་སྒྲིག་ཞུ་རྒྱུ་དེ་དུས་དང་གནས་སྐབས་གང་གི་ཆ་ནས་རིན་ཐང་ཅན་ཞིག་ཡིན་པར་ང་ཚོར་ཡིད་ཆེས་བྱུང་།
དེ་དང་ཕྱོགས་མཚུངས་ང་ཚོ་གནས་ཡུལ་རྒྱལ་ཁབ་ཨ་རི་གཙོས་ནུབ་ཕྱོགས་རྒྱལ་ཁབ་དང་མི་མང་རྣམས་ཀྱིས་འདས་པའི་ལོ་མང་རིང་བོད་མི་རིགས་ཀྱི་ཁྱད་ནོར་ཆོས་དང་རིག་གཞུང་བཅས་འཛིན་སྐྱོང་སྤེལ་གསུམ་གྱི་ལས་དོན་ཐོག་གང་ཅིའི་མཐུན་འགྱུར་ལ་བརྟེན་ནས་བོད་མི་རིགས་ཀྱི་ངོ་བོ་གསོན་པོར་གནས་ཐུབ་པ་བྱུང་བ་ལ་སྙིང་ནས་བཀྲིན་ཆེ་ཞུ་རྒྱུར་ད་ལམ་རྩ་ཆེའི་ཆོས་ཕྱོགས་ཀྱི་ཚོགས་འཛོམས་ཆེ་མོ་འདི་གོ་སྒྲིག་ཞུས་པ་ཡིན། ད་བར་བོད་ཀྱི་ཐོུང་མ་ཡིན་པའི་ཆོས་རིག་གསོན་པར་གནས་ཐུབ་པ་མ་ཟད། འཛམ་གླིང་ཕྱོགས་ཀུན་ལ་ཁྱབ་ཐུབ་པ་བྱུང་བ་དེ་ཁྱེད་རྣམས་ཀྱི་བཀའ་དྲིན་དང་ཆོད་སེམས་ལ་བརྟེན་ནས་བྱུང་བར་ང་ཚོས་ཡིད་རངས་བསྔགས་བརྗོད་བྱེད་ཀྱི་ཡོད།
ཨ་རིའི་རྒྱལ་ས་ཝ་ཤིན་ཌོན་ནང་བྱུང་བའི་འགྱུར་བའི་གནས་ཚུལ་མང་པོས་རྒྱལ་ཁབ་འདི་དང་འཛམ་གླིང་ཡོངས་ལ་གནས་གནས་པའི་མི་དུང་ཕྱུར་མང་པོའི་མི་ཚེའི་འགྲོ་འདུག་ལ་ཕན་གནོད་ཡོང་གི་ཡོད་པ་དང་། ཕྱི་ལོ་ ༢༠༡༡ ལོའི་འཛམ་གླིང་ཞི་བདེ་ཆེད་དུས་འཁོར་དབང་ཆེན་དེ་གལ་ཆེའི་གྲོང་ཁྱེར་འདིར་གོ་སྒྲིག་ཞུ་རྒྱུ་ཡིན་ཞིང་། དེས་ད་ལྟའི་དུས་སྐབས་འདིར་འཛམ་གླིང་འདིར་ཤིན་ཏུ་མཁོ་བའི་ཞི་བདེའི་དཔལ་ཡོན་དར་འཕེལ་ལ་སྨན་པའི་ལས་དོན་གཉེར་མཁན་སྤྱི་སྒེར་ཚོགས་སྡེ་སོགས་ལ་གལ་ཆེའི་ནུས་པ་གཏེར་ཐུབ་རྒྱུ་ཡིན།
ཨ་རིའི་རྒྱལ་ས་ཝ་ཤིན་ཌོན་ནང་བྱུང་བའི་འགྱུར་བའི་གནས་ཚུལ་མང་པོས་རྒྱལ་ཁབ་འདི་དང་འཛམ་གླིང་ཡོངས་ལ་གནས་གནས་པའི་མི་དུང་ཕྱུར་མང་པོའི་མི་ཚེའི་འགྲོ་འདུག་ལ་ཕན་གནོད་ཡོང་གི་ཡོད་པ་དང་། ཕྱི་ལོ་ ༢༠༡༡ ལོའི་འཛམ་གླིང་ཞི་བདེ་ཆེད་དུས་འཁོར་དབང་ཆེན་དེ་གལ་ཆེའི་གྲོང་ཁྱེར་འདིར་གོ་སྒྲིག་ཞུ་རྒྱུ་ཡིན་ཞིང་། དེས་ད་ལྟའི་དུས་སྐབས་འདིར་འཛམ་གླིང་འདིར་ཤིན་ཏུ་མཁོ་བའི་ཞི་བདེའི་དཔལ་ཡོན་དར་འཕེལ་ལ་སྨན་པའི་ལས་དོན་གཉེར་མཁན་སྤྱི་སྒེར་ཚོགས་སྡེ་སོགས་ལ་གལ་ཆེའི་ནུས་པ་གཏེར་ཐུབ་རྒྱུ་ཡིན།
སྟོན་པ་ཤཀྱ་ཐུབ་པས་ཐོག་མར་རྒྱ་གར་དུ་དུས་འཁོར་གསུངས་པ་ནས་བཟུང་རིས་སུ་མ་ཕྱེད་པའི་སྐྱེ་ཆེན་མང་པོས་གསང་སྔགས་ཀྱི་ཆོས་ཚུལ་དེར་ཉམས་ལེན་གནང་ཡོད་ཅིང་། འཛམ་གླིང་ཞི་འབྱུང་ཐབས་ཀྱི་ལས་ལ་བརྩོན་མཁན་ཚོ་ཐོུང་གི་དམིགས་ཡུལ་དེ་བསྒྲུབ་རྒྱུར་ད་ལམ་གྱི་རྩ་ཆེའི་གོ་སྐབས་འདིར་མཉམ་ཞུགས་གནང་ཆོག་པ་ཡིན།
ཤིན་ཏུ་ཡང་ཞིང་རྒྱ་ཆེ་བའི་གསུང་ཆོས་ར་བ་དེར་སྤྱི་ནོར་༧གོང་ས་༧ངསཀྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཀྱིས་ཉིན་རེའི་བཀའ་ཆོས་གཟབ་མོ་བསྩལ་གནང་བརྒྱུད་དད་ལྡན་ཆོས་ཞུ་བ་ཚོའི་སེམས་ནང་བྱམས་བརྩེ་དང་གཞན་ཕན་གྱི་བསམ་པ་གོང་ནས་གོང་དུ་འཕེལ་བའི་རྒྱུར་འགྱུར་ངེས་ཡིན་པ་དང་།
ད་ལམ་ཁྱེད་རྣམས་ཆོས་ཕྱོགས་ཀྱི་གལ་ཆེའི་བྱེད་སྒོ་འདིར་མཉམ་ཞུགས་ཐུབ་པ་དེས་འཛམ་གླིང་ནང་ཞི་བདེ་གོང་འཕེལ་ལ་སྨན་པའི་ལེགས་སྐྱེས་ཆེན་པོ་ཞིག་ཡོང་རྒྱུར་ང་ཚོས་ཡིད་ཆེས་བྱེད་ཀྱི་ཡོད།.
དྲ་རྒྱ་འདི་བརྒྱུད་ཐུགས་ཞིབ་གནང་མཁན་ཚང་མར་ང་ཚོས་དགའ་བསུ་ཞུ་བ་དང་ཆབས་ཅིག དུས་འཁོར་དབང་ཆེན་དང་འབྲེལ་བའི་དྭོགས་འདྲི་དང་དགོངས་འཆར་གང་ཡོད་འདི་གར་འཕྲལ་མར་འབྲེལ་བ་གནང་སྐྱོང་ཡོང་བར་ཞུ།
༢༠༡༡ ལོའི་ཝ་ཤིན་ཌན་དུས་འཁོར་དབང་ཆེན་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་ཐོུང་གིས།
|
སྐལ་ལྡན་བློ་གྲོས། |
ཛ་ཡུལ་བློ་བཟང་སྙན་གྲགས། |
| Co-Chairs of the Kalachakra for World Peace 2011 | |
![]()
ཨ་རིའི་རྒྱལ་སའི་མངའ་ཁུལ་བོད་མིའི་སྤྱི་མཐུན་ཚོགས་པ།
ཨ་རིའི་རྒྱལ་ས་མངའ་ཁུལ་བོད་རིགས་སྤྱི་མཐུན་ཚོགས་པ་ནི་ཝ་ཤིན་ཀྲོན་ཁུལ་གནས་སྡོད་བྱེད་མཁན་བོད་མིའི་སྒྲིག་འཛུགས་ཤིག་ཡིན་ཞིང་། སྒྲིག་འཛུགས་དེ་ཨ་རི་གཞུང་གི་ཁ་མེད་ཚོགས་སྡེའིཁོངས་དེབ་སྐྱེལ་བྱས་པའི་སྒྲིག་འཛུགས་ཤིག་ཡིན། སྒྲིག་འཛུགས་དེ་ནི་གཙོ་བོ་བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་ཐུབ་ཐབས་དང་བོད་ཀྱི་བདེན་དོན་འཐབ་རྩོད་ཀྱི་ལས་དོན་ཐོག་ས་གནས་བོད་མི་སྤྱིའི་སྒྲིག་འཛུགས་ཤིག་ཡིན་པ་དང་། དེ་ཡང་བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་ལམ་སྟོན་འོག་ཤར་བསྐྱོད་ཀྱིས་མགོན་པ་གང་གིས་ལམ་སྟོན་མཛད་པའི་འཚེ་མེད་ཞི་བའི་ལྟ་གྲུབ་བརྒྱུད་བོད་ཀྱི་བདེན་དོན་འཐབ་རྩོད་ལ་མཉམ་ལས་ཀྱི་ལས་དོན་བྱེད་མཁན་སྒྲིག་འཛུགས་ཤིག་ཡིན།དམིགས་ཡུལ་དང་དགོས་པ།
དམིགས་ཡུལ་དང་དགོས་པ།
- -སྤྱི་ཚོགས་སྲ་བརྟན་དང་གོང་འཕེལ་གཏོང་ཐབས།
- -བོད་ཀྱི་རྩ་ཆེའི་ཆོས་དང་རིག་གཞུང་གཅེས་འཛིན་དང་གོང་འཕེལ་གཏོང་ཐབས་བྱ་རྒྱུ།.
- -རྒྱལ་ཁབ་འདིར་འཚར་ལོངས་བྱུང་བའི་བོད་ཕྲུག་ན་གཞོན་ཚོར་བོད་ཀྱི་ལོ་རྒྱུས་དང་གོམས་གཤིས། སྐད་ཡིག་བཅས་རྒྱུན་འཇགས་ཐུབ་ཐབས་ཀྱི་ལས་དོན་བྱ་རྒྱུ།
- -ས་གནས་བོད་རིགས་མི་མང་ལ་དུས་བསྟུན་དགོས་མཁོ་ལ་གཞིགས་པའི་རོགས་ཕན་བྱ་རྒྱུ་བཅས་ཡིན།
ལས་དོན།
ས་གནས་བོད་རིགས་སྤྱི་མཐུན་ཚོགས་པས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་འཁྲུངས་སྐར་དུས་ཆེན་ཉིན་མོ་དང་། བོད་ལུགས་ལོ་གསར། བོད་ཀྱི་མང་གཙོའི་ཉིན་མོ་སོགས་གལ་ཆེའི་དུས་ཆེན་ཁག་སྲུང་རྩིས་ཞུ་རྒྱུ་དང་།
འུ་ཡོག་བཙན་བྱོལ་བོད་གཞུང་སྐུ་ཚབ་གཅོད་ཁང་བརྒྱུད་བཙན་བྱོལ་བོད་གཞུང་དང་མང་ཚོགས་དབར་འབྲེལ་ལམ་གཟབ་པོ་ཉར་ཚགས་ཐུབ་ཐབས་ཀྱི་ལས་དོན་དང་། བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་གྱི་ལས་དོན་བྱ་རྒྱུ་སོགས་ནི་ལས་དོན་གཙོ་བོ་དེ་ཡིན།
ས་གནས་སྤྱི་མཐུན་ཚོགས་པས་དུས་ནས་དུས་སུ་རྒྱ་བལ་འབྲུག་གསུམ་ནང་གནས་པའི་བོད་མི་དང་། བོད་ནང་ཆོས་རིག་དང་འབྲེལ་བའི་ལས་དོན་ཆེད་དཔལ་འབྱོར་ཞལ་འདེབས་བསྡུ་འགོད་སོགས་སྤྱི་ཚོགས་དང་འབྲེལ་བའི་ལས་དོན་གཉེར་བཞིན་ཡོད།
ས་གནས་སུ་འཚར་ལོངས་བྱེད་བཞིན་པའི་བོད་ཕྲུག་ན་གཞོན་ཚོར་བོད་ཀྱི་སྐད་ཡིག་སློབ་ཁྲིད་གཙོས་རིག་གཞུང་གི་སློབ་ཁྲིད་ཆེད་རེས་གཟའ་ཉི་མའི་བོད་ཡིག་འཛིན་གྲ་འཛིན་སྐྱོང་ཞུ་བཞིན་པ་བཅས་།ས་གནས་བོད་རིགས་སྤྱི་མཐུན་ཚོགས་པར་འབྲེལ་བ་གནང་འདོད་ཡོད་ཚེ་འདིར་འབྲེལ་བ་གནང་སྐྱོང་ཞུ།
ང་ཚོར་འབྲེལ་བ་གནང་ས། ཨ་རིའི་རྒྱལ་སའི་མངའ་ཁུལ་བོད་མིའི་སྤྱི་མཐུན་ཚོགས་པ།

