K2011 navigation Tibetan Spanish Vietnamese Homepage

ཝ་ཤིང་ཊོན་ནང་བཞུགས་གནས་སོགས་འཆར་འགོད་གནང་ཕྱོགས།

ཤོག་ངོས་འདི་ད་ལྟ་ཆ་ཚང་བ་ཟིན་མེད་ནའང་། ས་གནས་སུ་ཕེབས་ཕྱོགས་དང་བཞུགས་གནས་སྐོར་སྔ་ས་ནས་གྲ་སྒྲིག་གནང་བདེར་དམིགས་ནས་གཤམ་དུ་གནས་ཚུལ་འགའ་ཞིག་འགོད་རྒྱུ་ཡིན། ཞིབ་ཕྲ་མཁྱེན་རྟོགས་ཆེད་དྲ་རྒྱ་འདིར་ཡང་ཡང་ཐུགས་ཞིབ་གནང་རོགས།

བཞུགས་གནས།

ཀ། དུས་འཁོར་ཆེན་རིང་གྲོང་ཁྱེར་དང་ཉེ་འཁོར་གྱི་མགྲོན་ཁང་རྣམས་ལ་དམིགས་བསལ་རིན་བབབ་བཅོག་ཆ་ཡོང་ཐབས་ལ་བཞུགས་གནས་དཀའ་སེལ་ལས་ཁུངས་དང་འབྲེལ་བ་ཞུ་མུས་ཡིན། མགྲོན་ཁང་སོགས་མངགས་ཉོ་སྟབས་བདེ་ཡོང་རྒྱུར་འདེམས་ཁ་འདི་ནས་འཚོལ་ཞིབ་གནང་རོགས།

ཁ། ས་གནས་ཉེ་འཁོར་དུ་ཡོད་པའི་དམིགས་བསལ་རིན་བབ་ཐོག་ཞོགས་ཇ་དང་བཞུགས་གནས་གཅིག་ལྕོག་ཁང་གླ་གཏོང་མཁན་ཡོད་པ་དེ་ཚོར་ཡང་ཐུགས་ཞིབ་གནང་རོགས།

  • • Event Lodging Solutionsནས་དུས་འཁོར་དབང་ཆེན་གནང་རྒྱུན་གྲོང་ཁྱེར་དང་ཉེ་འཁོར་གྱི་མགྲོན་ཁང་རྣམས་ལ་དམིགས་བསལ་རིན་བབབ་ཆག་ཡང་ཐོབ་ཐབས་ལ་བཞུགས་གནས་དཀའ་སེལ་ལས་ཁུངས་དང་འབྲེལ་བ་ཞུ་མུས་ཡིན།
  •    rates for  མགྲོན་ཁང་སོགས་མངགས་ཉོ་སྟབས་བདེ་ཡོང་རྒྱུར་འདི་ནས་འདེམས་ཁ་འཚོལ་ཞིབ་གནང་རོགས།
  • •  ས་གནས་ཉེ་འཁོར་དུ་ཡོད་པའི་དམིགས་བསལ་རིན་བབ་ཐོག་ ཞོགས་ཇ་དང་བཞུགས་གནས་གཅིག་ལྕོག་ཁང་ གླ་གཏོང་མཁན་ཡོད་པ་དེ་ཚོར་ཡང་ཐུགས་ཞིབ་གནང་རོགས་། ཐོ་འགོད་མ་བྱས་གོང་དུས་འཁོར་དབང་ཆེན་ཞུ་མཁན་ཡིན་པའི་ངོ་སྤྲོད་གནང་དགོས།
  •    procedures. ཝ་ཤིང་ཌོན་ཁུལ་དུ་མཐོ་སློབ་ཀྱི་ཉལ་ཁང་གི་མཐུན་རྐྱེན་སྣ་མང་ཡོད་པས་དེ་དག་ལ་བཞུགས་འདོད་ཡོད་མཁན་ཚོས་དེ་ནས་མངགས་ཉོ་གནང་ཆོག་པ་ཡིན། ཉལ་ཁང་འཚོལ་ཞིབ་ཀྱིས་སོ་སོའི་ཐུགས་འདོད་ཀྱི་འདེམས་ཁ་གནང་ནས་ང་ཚོར་བསམ་ཤོག་འབྱོར་བ་ཡིན་ན། དེ་མཚུངས་བསམ་ཤོག་ལ་གཞིགས་པའི་མཉམ་བཞུགས་ཉལ་ཁང་མངགས་རྒྱུར་ཕན་ཐོགས་ཡོང་བ་འདུག
  • • ཡང་དུས་ཐུང་ཁང་པ་མངགས་གཡར་དང་དེ་བཞིན་སྒེར་གྱི་སྡོད་ཁང་གཡར་མཁན་ཡང་ཡོད།

    དུས་འཁོར་དབང་ཆེན་ལ་བཅར་མཁན་རྣམས་ལ་སོ་སོའི་བཞུགས་གནས་མགྲོན་ཁང་སོགས་མངགས་ཉོ་གནང་སྐབས་ས་འོག་རི་ལི་དང་སྤྱི་སྤྱིད་རླང་འཁོར་གྱི་བབས་ཚུགས་ཉེ་བོ་ཡོད་མེད་ངེས་པར་ཐུགས་ཞིབ་གནང་དགོས་པ་དང་། ལྷག་པར་ཝ་ཤིང་ཌོན་གྱི་སྔ་དགོང་འགྲིམ་འགྲུལ་བྲེལ་ཟིང་ནང་མ་ཚུད་པ་གནང་གལ་ཆེ་བའི་འབོད་བསྐུལ་དང་། གྲོང་ཁྱེར་ནང་རླང་འཁོར་བཅོལ་འཇོག་གི་རིན་བབས་མཐོ་དམན་ལ་ཁྱད་པར་དེ་ཙམ་མེད།

  • དུས་ཐུང་ཁང་པ་མངགས་གཡར་དང་དེ་བཞིན་སྒེར་གྱི་སྡོད་ཁང་གཡར་མཁན་གྱི་ཐོ་གཤམས་གསལ།
    airbnb.com
    roomorama.com
    couchsurfing.com

གལ་སྲིད་གནས་ཚུལ་འཕར་མ་ཐུགས་མཁོ་ཡོད་ཚེ་info@kalachakra2011.comཨི་མེལ་འདི་བརྒྱུད་འབྲེལ་བ་གནང་དགོས།

 

lotus

ཝ་ཤིང་ཌོན་དུ་ཕེབས་ཕྱོགས།:

ཝ་ཤིང་ཌོན་ས་ཁུལ་ནང་གནམ་ཐང་ཆེ་ཁག་གསུམ་ཡོད།:

  • Ronald Reagan Washington National (DCA)  གནམ་ཐང་དེ་ནས་གྲོང་ཁྱེར་དབུས་སུ་དུས་ཡུན་སྐར་མ་ ༡༥ ནས་བསླེབ་ཐུབ། གནམ་ཐང་ཉེ་འགྲམ་ས་འོག་རི་ལི་ཡང་ཡོད།

  • Dulles International
      གནམ་ཐང་དེ་གྲོང་ཁྱེར་དབུས་ནས་རྒྱང་ཚད་མའིལ་ ༢༦ ཙམ་གྱི་མཚམས་སུ་ཡོད་པ་དང་། གནམ་ཐང་ནས་མགྲོན་ཁང་སོ་སོར་སྐྱེལ་འདྲེན་བྱེད་མཁན་སྤྱི་སྤྱོད་རླང་འཁོར་ཡོད་པ་མ་ཟད། དེ་མིན་འགྲུལ་པ་སྐྱེལ་འདྲེན་བྱེད་མཁན་རླང་འཁོར་ཆེ་འབྲིང་ཡོད་པ་དེ་དག་བརྒྱུད་ཕེབས་ན་འགྲོ་གྲོན་ཆུང་བ་ཡོད།

  • Baltimore-Washington International (BWI) གནམ་ཐང་འདི་གྲོང་ཁྱེར་དབུས་ནས་རྒྱང་ཚད་མའིལ་༣༢ ཙམ་གྱི་མཚམས་སུ་ཡོད་པ་དང་། གནམ་ཐང་དེ་ནས་མགྲོན་ཁང་ལ་ཕེབས་རྒྱུར་སྤྱི་སྤྱོད་རླང་འཁོར་དང་རི་ལི་(Amtrak and MARC)ཡོད་པ་མ་ཟད། མགྲོན་ཁང་སོ་སོའི་འགྲུལ་པ་སྐྱེལ་འདྲེན་གྱི་རླང་འཁོར་ཡང་ཡོད།

གནམ་ཐང་སོ་སོ་ནས་འགྲིམས་འགྲུལ་རིན་བབས་ཆེ་ཆུང་གི་གནས་ཚུལ་མཁྱེན་རྟོགས་ཆེད་www.bestfares.com and www.farecompare.comགཉིས་ལ་ས་ལ་ཐུགས་ཞིབ་གནང་རོགས།


རི་ལི་བརྒྱུད་ཕེབས་ན།

ཝ་ཤིང་ཌོན་གྲོང་ཁྱེར་གྱི་རི་ལའི་བབས་ཚུགས་གཙོ་བོ་Union Station ནི་གྲོང་ཁྱེར་གྱི་དབུས་སུ་ཆགས་ཡོད་པ་མ་ཟད། དེ་ནས་ས་ཁུལ་ཚང་མར་ས་འོག་རི་ལི་Metroབརྒྱུད་འགྲིམ་འགུལ་གནང་ཆོག

རླང་འཁོར་ཆུང་རིགས་བརྒྱུད་ཕེབས་ན།

ས་ཐོག་ཕེབས་ལམ་གང་གི་བརྒྱུད་ཕེབས་དགོས་མིན་Google Mapsདྲ་གནས་ཐོག་འཚོལ་ཞིབ་གནང་རོགས། ཨ་རིའི་གྲོང་ཁྱེར་སྤྱི་མཚུངས་བཞིན་སོ་སོ་བཞུགས་གནས་མགྲོན་ཁང་དང་དེའི་ཉེ་འཁོར་དུ་རླང་འཁོར་བཅོལ་འཇོག་གནང་ས་གང་ར་ཡོད། ཆོས་ཞུར་བཅར་མཁན་རྣམས་ལ་ཉིན་ལྟར་གསུང་ཆོས་ལ་བཅར་སྐབས་ས་འོག་རི་ལི་བརྒྱུད་ཕེབས་དགོས་པའི་ནན་བསྐུལ་བྱེད་ཀྱི་ཡོད།

གྲོང་ཁྱེར་ནང་འགྲིམ་འགྲུལ་གནང་ཕྱོགས།

Metro stationཝ་ཤིང་ཌོན་གྱི་ས་འོག་རི་ལོ་ནི་སྲུང་སྐྱོབ་བཟང་ལ་གཙང་མ་ཡོད། ས་གནས་སུ་ས་འོག་རི་ལིའི་མིང་ལ་མེ་ཏྲོ་ཞེས་འབོད་ཀྱི་ཡོད་ཅིང་། དེའི་སྐོར་ཞིབ་ཕྲའི་གནས་ཚུལ་འདི་ནས་འཚོལ་ཞིབ་གནང་རོགས།

ས་འོག་རི་ལིར་འགྲུལ་བཞུད་གནང་ཆེད་ཕྱག་འཁྱེར་ཉོ་དགོས་ཀྱི་ཡོད་པས། ཕར་འགྲོ་ཚུར་འོང་གི་ཕྱག་ཁྱེར་ཐེངས་གཅིག་སྡེབ་ཉོ་གནང་ན་ཁེ་ཕན་ཆེ་བ་ཡོད་ཅིང་། བགྲེས་ཡོལ་དང་དགུང་ལོ་བགྲེས་པ་ཚོར་དམིགས་བསལ་ཕྱེད་བཅག་ཡོད་པས།ཞིབ་ཕྲ་འདིར་ WMATAགཟིགས་རོགས།

 

 

lotus

ཝ་ཤིང་ཌོན་ཌི་སིའི་ནང་གང་དང་གང་ཡོད།

US Capitolརྒྱལ་ས་ཝ་ཤིང་ཌོན་ནི་ཡུལ་བསྐོར་སྤྲོ་ཆམ་པ་འཕོན་ཆེ་ཕེབས་ཡུལ་གྲོང་ཁྱེར་གཅིག་ཡིན་པ་དང་། དུས་འཁོར་དབང་ཆེན་གནས་ཡུལ་ཚོགས་ཁང་དང་Smithsonianལྟེ་གནས་ཁང་གཉིས་རྒྱང་ཐག་ཉེ་པོ་ཡིན་པ་དང་། དེར་མི་རྣམས་རིན་མེད་ཐོག་འགྲེམས་སྟོན་ཁང་སོགས་སུ་ཐུགས་ཞིབ་ལ་ཕེབས་ཀྱི་ཡོད།

ལོ་རྒྱུས་དང་འབྱུང་རབས་ལ་དོན་གཉེར་ཅན་རྣམས་ཕེབས་ཡུལ་མང་པོ་ཡོད་ཅིང་། དེའི་ཁོངས་སུ་དཔེ་མཚོན་ཙམ་ཞུས་ན་སྲིད་འཛིན་ལིན་ཀོན་དྲན་རྟེན་དང་། ཝེཏ་ནམ་དམག་གི་དྲན་རྟེན། དེའི་ཉེ་འགྲམ་དུ་FDR Memorial Parkདང་US Holocaust Museumན་ཛི་རིང་ལུགས་པས་ཇིའུ་མི་རིགས་ལ་སྡུག་སྦྱོང་བཏང་བའི་ལོ་རྒྱུས་གསལ་པའི་འགྲེམས་སྟོན་ཁང་སོགས་མང་པོ་ཡོད།

ཡང་ཁ་ཁུག་སིམ་པོར་བཞུགས་འདོད་ཡོད་ཚེ། མང་པོ་ཡོད་ཅིང་། དེའི་ཁོངས་སུ་གྲོང་ཁྱེར་ནང་མཛེས་སྡུག་ལྡན་པའི་སྐྱེད་མོའི་འཚལ་ དེའི་ཁོངས་སུ་གྲོང་ཁྱེར་ནང་ཤིང་སྣ་དང་མེ་ཏོག་གི་བཀྲམ་སྟོན་ཁང་ཡོད།

 

lotus

གསོལ་མགྲོན་ཁང་།༼ཟ་ཁང་།༽

ཨ་རིའི་གྲོང་ཁྱེར་ཆེ་ཁག་སྤྱི་མཚུངས་བཞིན་ཝ་ཤིང་ཌོན་ནང་རིག་གཞུང་དང་ཟས་རིགས་སྣ་ཚོགས་པའི་གསོལ་མགྲོན་༼ཟ་ཁང་༽་ཆེ་ཆུང་སྣ་མང་ཡོད་པས་ གཤམ་གསལ་དྲ་རྒྱ་རྣམས་ལ་ཐུགས་ཞིབ་གནང་ན་མཁྱེན་རྟོགས་ཡོང་རྒྱུར་དགོངས་འཇགས་ཞུ།

http://www.opentable.com/washington-dc-restaurants/

http://washington.dc.diningguide.com/

www.yelp.com/dc

 

lotus

ཝ་ཤིང་ཌོན་ཁུལ་དུ་ནང་པའི་ཆོས་ཚོགས།

ཝ་ཤིང་ཌོན་ཁུལ་གྱི་ནང་པའི་ཆོས་ཚོགས་རྣམས་མ་རེ་ལེནྜ་དང་ཝིར་ཇི་ནྱི་གཉིས་ཀྱི་ནང་རྟེན་གཞི་བྱས་ཡོད་པ་དང་། གྲོང་ཁྱེར་ནང་དུའང་རེ་གཉིས་ཡོད། ཆོས་ཚོགས་ཀྱི་གནས་ཚུལ་གཤམ་གསལ་དྲ་རྒྱ་ནས་མཁྱེན་རྟོགས་ཐུབ། 
www.ibcdc.org;
www.imcw.org;
www.mamgl.blogspot.com/

 

ཨ་རིའི་རྒྱལ་སའི་མངའ་ཁུལ་བོད་རིགས་སྤྱི་མཐུན་ཚོགས་པས་༢༠༡༡ལོའི་དུས་འཁོར་དབང་ཆེན་གོ་སྒྲིག་ཞུས།
བདག་དབང་ཆ་ཚང་ངོ་ཚོར་ཡོད།

པར་དབང།བསོད་ནམས་རྫོགས་སངས།