K2011 navigation Tibetan Spanish Vietnamese Homepage

ཕྱག་འཁྱེར་དང་དེབ་སྐྱེལ།

ཨ་རིའི་རྒྱལ་ས་ཝ་ཤིན་ཌན་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་གོ་སྒྲིག་ཞུ་གཏན་འཁེལ་བར་ཁྱེད་རྣམས་ཀྱིས་ཐུགས་སྣང་གནང་བར་ཐུགས་རྗེ་ཆེ་ཞུ། 

ཝ་ཤིན་ཌན་དུ་འགྱུར་བའི་འཕེལ་རིམ་ཇི་བྱུང་གིས་འཛམ་གླིང་སྤྱིར་ཕན་གནོད་ཡོང་གི་ཡོད་པ་དང་། གལ་ཆེའི་ཆོས་ཕྱོགས་ཀྱི་བྱེད་སྒོ་དེར་ཁྱེད་རྣམས་ཉམས་ཞུགས་གནང་ཐུབ་པ་དེས་ས་གནས་ཀྱི་དབང་ཤུགས་ལ་བརྟེན་ནས་འཛམ་གླིང་ཞི་བདེའི་ནུས་པ་གོང་འཕེལ་འགྲོ་རྒྱུར་ཕན་ཐོགས་ཡོང་རྒྱུ་མ་ཟད། དེས་འཛམ་གླིང་ཁྱོན་ལ་མཛའ་མཐུན་དང་བདེ་སྐྱིད་ཀྱི་ས་བོན་ཡང་བསྐྲུན་ཐུབ་ངེས་ཡིན།

དུས་འཁོར་དབང་ཆེན་གནང་ཡུལ་ཚད་ལྡན་གྱི་ཚོགས་ཁང་གོ་སྒྲིག་ཞུས་ཡོད་པ་དེས་དོན་གཉེར་ཅན་གྱི་ཆོས་ཞུ་བ་གང་མང་བཅར་ཐུབ་པའི་ཆ་རྐྱེན་ལྡན་ཡོད་ཅིང་། ཆོས་ཞུ་བ་ཚོར་ཕྱག་འཁྱེར་གྱི་རིན་པ་གང་ཐུབ་དམའ་བོར་འབུལ་ཐབས་ལ་ང་ཚོས་འབད་བརྩོན་ཞུས་ཡོད་པས་དམིགས་དོན་དེ་བསྒྲུབ་ཐབས་ལ་མཐུན་འགྱུར་གནང་བའི་རེ་བ་ཞུ་བཞིན་ཡོད།

དུས་འཁོར་དབང་ཆེན་གནང་ཡུལ་ཚད་ལྡན་གྱི་ཚོགས་ཁང་གོ་སྒྲིག་ཞུས་ཡོད་པ་དེས་དོན་གཉེར་ཅན་གྱི་ཆོས་ཞུ་བ་གང་མང་བཅར་ཐུབ་པའི་ཆ་རྐྱེན་ལྡན་ཡོད་ཅིང་། ཆོས་ཞུ་བ་ཚོར་ཕྱག་འཁྱེར་གྱི་རིན་པ་གང་ཐུབ་དམའ་བོར་འབུལ་ཐབས་ལ་ང་ཚོས་འབད་བརྩོན་ཞུས་ཡོད་པས་དམིགས་དོན་དེ་བསྒྲུབ་ཐབས་ལ་མཐུན་འགྱུར་གནང་བའི་རེ་བ་ཞུ་བཞིན་ཡོད།ཝ་རེ་ཛོན་ཚོགས་ཁང་ཧ་ཅང་ཆེན་པོ་ཡིན་པར་བརྟེན་ཆོས་ཞུ་བའི་གྲངས་འབོར་ཆེན་པོ་བཤོངས་ཐུབ་པའི་ས་ཆ་ཡོད། གསུང་ཆོས་སྦྱིན་བདག་ཚོ་བཞུགས་གནས་མ་གཏོགས་དེ་མིན་དུས་འཁོར་དབང་ཆེན་དང་འབྲེལ་བའི་ཕྱག་འཁྱེར་ཡོངས་རྫོགས་ Tickermaster བརྒྱུད་འགྲེམས་ཚོང་ཞུ་རྒྱུ་ཡིན།

Become a Sponsor Now

Sponsorship registration is open. Please contact us if you have questions about becoming a Sponsor.

 

lotus

གསུང་ཆོས་ཀྱི་ཕྱག་འཁྱེར།

ཕྱི་ཟླ་ ༡༢ ཚེས་ ༡༥ ཉིན་དགུང་ཚོུད་ ༡༢ ནས་སྤྱིར་བཏང་ཆོས་ཞུ་བའི་གསུང་ཆོས་ཕྱག་འཁྱེར་འགྲེམས་ཚོང་འགོ་འཛུགས་བྱས་ཡོད་པ་དང་། དེ་ནས་བཟུང་ཕྱག་འཁྱེར་ Ticketmaster བརྒྱུད་སྤུས་ཉོ་གནང་ཆོག་པ་ཡིན།


Ticketmasterགྱི་ལསས་དོད་གཏན་འབེབས་བྱས་པ་རྣམས་ཕྱག་འཁྱེར་སྤུས་ཉོ་གནང་སྐབས་གནས་ཚུལ་གསལ་པོ་མཁོ་སྤྲོད་བྱ་རྒྱུར་དེ་དོན་དགོངས་འཇགས་ཞུ། དགུང་ལོ་བགྲེས་པ་དང་ཕྲུ་གུ་སོགས་ལ་ཕྱག་འཁྱེར་ཐོག་ཆག་ཡང་འབུལ་ཕྱོགས་ Ticketmaster དྲ་རྒྱར་གསལ་པོ་་འཁོད་ཡོད་པས་དེར་གཟིགས་ཞིབ་གནང་དགོས་པ་དང་། ཝ་རེ་ཛོན་ཚོགས་ཁང་གི་སྒྲིག་སྲོལ་ལ་ཕྲུ་གུ་ལོ་གསུམ་མན་རིན་མེད་མཉམ་ཁྲིད་གནང་ཆོག་ཀྱང་། སོ་སོའི་དཔང་དུ་འཇོག་དགོས་པ་ལས་ལོགས་སུ་ཞབས་སྟེགས་ཐོབ་ཀྱི་མེད། གསུང་ཆོས་སྦྱིན་བདག་གནང་མཁན་ཚོའི་མཐུན་འགྱུར་ལ་བརྟེན་ཉིན་གྲངས་བཅུ་གཅིག་གི་མཛད་རིམ་ཆ་ཚང་ལ་བཅར་མཁན་ཚོར་རིན་བབས་ཌོ་ལར་༤༧༥ལ་འབུལ་ཐུབ་པ་བྱུང་ཞིང་།ཉིན་གཅིག་ལ་ཆ་བགོས་བྱས་ཚེ་ཉིན་རེར་ཌོ་ལར་༤༣ལས་གནས་མེད་པས་དེ་ནི་འདས་པའི་དུས་སུ་ནུབ་ཕྱོགས་རྒྱལ་ཁབ་ནང་དུས་དབང ་ཐེངས་དྲུག་གནང་ཟིན་པའི་ཕྱག་འཁྱེར་རིན་པ་དང་བསྡུར་ཚེ་ཧ་ཅང་དམའ་བོ་ཡིན།དེ་ལྟར་མངོན་དུ་འགྱུར་ཐུབ་པར་སྦྱིན་བདག་རྣམས་པའི་གཏོང་ཕོད་ཀྱི་ནུས་པ་ལས་བྱུང་བར་ངོས་འཛིན་བྱེད་ཀྱི་ཡོད།

 

lotus

caution!ཡིད་གཟབ་གནང་དགོས།: ཕྱག་ཁྱེར་བར་ཚོང་བྱེད་མཁན་ཚོས་གསུང་ཆོས་ཕྱག་ཁྱེར་རིན་ཚད་ཧ་ཅང་མཐོ་བོར་ཚོང་གི་ཡོད་ཚོད་འདུག་པས་དེ་དག་ལ་ཡིད་གཟབ་གནང་དགོས། དོན་མེད་ཕྱག་ཁྱེར་རིན་པ་མཐོ་བོ་གནང་མི་དགོས་པར་གཙོ་དོན་གནང་དགོས་པའི་འབོད་བསྐུལ་བྱེད་ཀྱི་ཡོད། གསུང་ཆོས་ལ་བཅར་མཁན་ཚོས་ Ticketmaster དང་། གསུང་ཆོས་སྦྱིན་བདག་ཁོངས། དེ་མིན་མི་ཉི་ཤུ་ལས་མང་བ་ལྡེབ་ཉོ་གནང་རྒྱུའི་ཆ་རྐྱེན་འོག་ཕྱག་ཁྱེར་སྤུས་ཉོ་གནང་བ་ཡིན་ན་བཞུགས་གནས་རིམ་པ་འདྲ་མིན་ཐོག་ཕྱག་ཁྱེར་སྤུས་ཉོ་གནང་ཆོག་པས་དུས་འཁོར་དབང་ཆེན་གྱི་གཞུང་འབྲེལ་དྲ་རྒྱ་ Kalachakra2011.com བརྒྱུད་སྤུས་ཉོ་གནང་ཆོག་པ་ཡིན། འབྲེལ་མེད་ཕྱག་ཁྱེར་བར་ཚོང་བྱེད་མཁན་ནས་ཕྱག་ཁྱེར་རྫུན་མ་སྤུས་ཉོ་གནང་ཡོད་ཚེ་གསུང་ཆོས་གོ་སྒྲིག་ཚོགས་ཆུང་ལ་དག་སྐྱེལ་བྱེད་པའི་ནུས་པ་མེད་ཅིང་། ང་ཚོ་དང་འབྲེལ་བ་མེད་པའི་ཕྱག་ཁྱེར་བར་ཚོང་བྱེད་མཁན་ནས་ཕྱག་ཁྱེར་ཉོས་ཏེ་སྐུ་ངལ་འཕྲད་རིགས་ལ་ང་ཚོས་རོགས་ཕན་གང་ཡང་ཞུ་ཐབས་མེད། གལ་སྲིད་དུས་འཁོར་དབང་ཆེན་གསུང་ཆོས་ཕྱག་ཁྱེར་སྤུས་ཉོ་དང་འབྲེལ་བའི་གནད་དོན་སྐོར་འདྲི་བརྩད་གནང་དགོས་མཆིས་ཚེ་གཤམ་གསལ་གློག་འཕྲིན་ཁ་བྱང་བརྒྱུད་འབྲེལ་བ་གནང་རོགས་། info@kalachakra2011.com

 

lotus

 

Listed below are the various ticketing options and the date on which they will be available for sale:

ཕྱི་ཟླ་ ༡༢ ཚེས ༡༥ ནས་ཕྱག་འཁྱེར་འགྲེམས་ཚོང་ཞུ་རྒྱུའི་ཁོངས་སུ།

 

རིམ་པ་ ཀ
(ཤོད་ཀྱི་རུ་གྲལ)
རིམ་པ་ ཁ
(སྟེང་གི་རུ་གྲལ)
མཛད་རིམ་དང་འཛུལ་ཞུགས་དུས་ཚོད།
ཌོ་ལར་ ༤༧༥
ཌོ་ལར་ ༤༢༥

ཕྱི་ ༧ ཚེས་ ༦ ནས་ཚེས་ ༡༦ བར།
ཉིན་གྲངས་བཅུ་གཅིག་གི་མཛད་རིམ་ཆ་ཚང་།

Ticketmaster - 11 day package

ཌོ་ལར་ ༤༢༥
ཌོ་ལར་ ༣༧༥

ཕྱི་ཟླ་ ༧ ཚེས་ ༦ ནས་ཚེས་ ༡༢ བར།
ཉིན་གྲངས་ ༧ འཁྲུངས་སྐར་མཛད་སྒོ་དང་ས་ཆོག ཉིན་གསུམ་གྱི་་སྔོན་འགྲོའི་གསུང་ཆོས་བཅས།

Ticketmaster - 7-day package tickets

ཌོ་ལར་ ༤༥༠
ཌོ་ལར་ ༤༠༠

ཕྱི་ཟླ་ ༧ ཚེས་ ༩ ནས་ཚེས་ ༡༦ བར།
ཉིན་གྲངས་ ༨ སྔོན་འགྲོའི་གསུང་ཆོས་ཉིན་གསུམ་དང་། ས་ཆོག དབང་ཆེན་དངོས་གཞི། བརྟན་བཞུགས་བཅས།

8-day package tickets


དཔྱིད་ཀ་ཚོང་འགྲེམས་ཞུ་རྒྱུའི་ཁོངས།

5
རིམ་པ་ ཀ

(ཤོད་ཀྱི་རུ་གྲལ)

རིམ་པ་ ཁ
(སྟེང་གི་རུ་གྲལ)
མཛད་རིམ་དང་འཛུལ་ཞུགས་དུས་ཚོད།
ཌོ་ལར་ ༤༠༠
ཌོ་ལར་ ༣༥༠
ཕྱི་ཟླ་ ༧ ཚེས་ ༩ ནས་ཚེས་ ༡༡ བར།
ཉིན་གསུམ་གྱི་སྔོན་འགྲོའི་གསུང་ཆོས།
ཌོ་ལར་ ༤༢༥
ཌོ་ལར་ ༣༧༥
ཕྱི་ཟླ་ ༧ ཚེས་ ༡༣ ནས་ཚེས་ ༡༦ བར།
ཉིན་གྲངས་ ༤ དངོས་གཞིའི་དབང་དང་བརྟན་བཞུགས།

 

ཕྱི་ཟླ ༤ ཙམ་ལ་ཚོང་འགྲེམས་ཞུ་རྒྱུ།

རིམ་པ་ ཀ

(ཤོད་ཀྱི་རུ་གྲལ་)

རིམ་པ་ ཁ

(སྟེང་གི་རུ་གྲལ)

འཛུལ་ཞུགས་དུས་ཚོད།

ཌོ་ལར་ ༡༠༠

ཌོ་ལར་ ༨༥

ཉིན་གཅིག་གི་ཕྱག་འཁྱེར། ལྷག་འཕྲོས་ཡོད་མེད་ལ་རགས་ལུས་རྒྱུ།

 

lotus

དུས་འཁོར་དབང་ཆེན་གསུང་ཆོས་སྦྱིན་བདག

ཝ་ཤིན་ཌན་ལྟ་བུའི་གྲོང་ཁྱེར་ཆེན་པོ་འདིར་ཉིན་གྲངས་བཅུ་གཅིག་རིང་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་དང་འབྲེལ་བའི་ལས་རིམ་གོ་སྒྲིག་ཞུ་རྒྱུར་འགྲོ་གྲོན་ཧ་ཅང་ཆེན་པོ་ཡིན་པར་བརྟེན་གོ་སྒྲིག་གི་ལས་དོན་ཚགས་ཚུད་ལྡན་པ་བྱུང་སྟེ། འཛམ་གླིང་ཞི་བདེ་དང་རང་ཉིད་ལ་བསོད་ནམས་གསོག་ཕྱིར་དུས་འཁོར་དབང་ཆེན་གྱི་སྦྱིན་བདག་གནང་ནས་ཤིན་ཏུ་རྩ་ཆེའི་གོ་སྐབས་འདི་ལོངས་སུ་སྤྱོད་ཆོག་པ་ཡིན།

སྐྱེ་བོ་སྒེར་དང་སྒྲིག་འཛུགས་གང་རུང་གིས་དུས་དབང་གསུང་ཆོས་སྦྱིན་བདག་གནང་ཆོག་པ་ཡིན།

གསུང་ཆོས་སྐབས་སྦྱིན་བདག་རྣམས་བཞུགས་ཡུལ་དམིགས་བསལ་གོ་སྒྲིག་ཡོད།

The Most Special Opportunities for Sponsors

༢༠༡༡ ལོའི་དུས་འཁོར་དབང་ཆེན་གྱི་མཛད་རིམ་ཉིན་གྲངས་བཅུ་གཅིག་རིང་མདུན་གྲས་ཀྱི་སྦྱིན་བདག་གནང་མཁན་ཡོད་ཚེ་ད་ལྟ་ས་མིག་ལྔ་ཡོད། 
ཞིབ་ཕྲ་མཁྱེན་འདོད་ཡོད་ཚེ།

 

 

lotus

གྲ་བཙུན་དང་སྔགས་འཆང་།

གྲ་བཙུན་དང་སྔགས་འཆང་རྣམས་ཀྱིས་དམིགས་བསལ་འགེངས་ཤོག་བསྐང་ནས་སྦྲགས་ཟམ་བརྒྱུད་དེབ་སྐྱེལ་གནང་དགོས་ཤིང་། གློག་འཕྲིན་བརྒྱུད་དེབ་སྐྱེལ་གནང་ཆོག་གི་མེད། དྲ་རྒྱ་འདིར་དགེ་འདུན་པ་དང་འབྲེལ་བའི་ཤོག་ལྷེ་ཟུར་དུ་ཡོད་པ་ནས་འགེངས་ཤོག་པར་ལེན་གནང་ཆོག་ཅིང་། འགེངས་ཤོག་གི་མཉམ་དུ་སྐུ་པར་གཉིས་རེ་མཉམ་སྦྱར་ང་ཚོར་འབྱོར་མཚམས་མཐའ་མའི་དེབ་འགོད་ཟིན་རྗེས་བརྡ་ལན་འབུལ་རྒྱུ་ཡིན

 

lotus

དམིགས་བསལ་མཐུན་རྐྱེན་དགོས་མཁོའི་རིགས།

གསུང་ཆོས་སྐབས་དམིགས་བསལ་མཐུན་རྐྱེན་དགོས་མཁོ་ཡོད་མཁན་ཚོར་བཞུགས་ཡུལ་ཀྱི་གནས་ཚུལ་མཁོ་སྤྲོད་ཞུ་འཆར་དང་། ཆ་རྐྱེན་འདི་ཐུགས་མཁོ་ཡོད་རིགས་ཀྱིས་ཕྱི་ཟླ་ ༡༢ ཚེས་ ༥ རྗེས་གཤམ་གསལ་ཁ་པར་ཐོག་འབྲེལ་བ་གནང་རོགས་ཞུ། 

http://www.verizoncenter.com/images/access.gif༢༠༢ ༦༦༡ ༥༠༦༥ དང་ ༢༠༢ ༦༦༡ ༥༠༦༦ (TTY),
 
ཝ་རེ་ཛན་ཚོགས་ཁང་.གི་དྲ་རྒྱ་བརྒྱུད་ཐད་ཀར་འབྲེལ་བ་གནང་ནའང་འཐུས་རྒྱུ།
གལ་སྲིད་ད་དུང་དགོས་མཁོ་གཞིགས་པའི་མཐུན་འགྱུར་དགོས་གལ་ཡོད་རིགས་རྣམས་ཀྱིས་་ specailneeds@kalachakra2011.com འབྲེལ་བ་གནང་རོགས།

ཚང་མས་ཐུགས་སྣང་གནང་དགོས་པ། གཞན་གྱི་རོགས་སྐྱོར་ལ་བརྟེན་དགོས་རིགས་ཚུད་པའི་དུས་འཁོར་དབང་ཆེན་ལ་བཅར་མཁན་ཚང་མས་ཕྱག་ཁྱེར་ངེས་པར་སྤུས་གཟིགས་གནང་དགོས།

སྒྲ་གསན་མ་ཐུབ་པ་ཚོའི་ཆེད་དམིགས་བསལ་བརྡ་འབྱོར་གསུང་བསྒྱུར་གོ་སྒྲིག་ཞུ་འཆར་ཡོད་པས། དུས་འཁོར་དང་འབྲེལ་བའི་བོད་སྐད་ནང་ནང་ཆོས་ཀྱི་ཐ་སྙད་ཚད་ལྡན་ཤེས་པའི་གནས་ཚད་ཡོད་མཁན་ཚོས་ང་ཚོར་འབྲེལ་བ་གནང་བ་ཡིན་ང་ཚོས་ཚང་རྒྱུགས་ལེན་ནས་ཆོས་ཞུ་བ་དེ་དག་གི་རེ་འདོད་བསྐོང་ཐབས་ལ་གསུང་བསྒྱུར་གོ་སྒྲིག་བྱ་རྒྱུ་ཡིན།

 

 


ཨ་རིའི་རྒྱལ་སའི་མངའ་ཁུལ་བོད་རིགས་སྤྱི་མཐུན་ཚོགས་པས་༢༠༡༡ལོའི་དུས་འཁོར་དབང་ཆེན་གོ་སྒྲིག་ཞུས།
བདག་དབང་ཆ་ཚང་ངོ་ཚོར་ཡོད།
པར་དབང།བསོད་ནམས་རྫོགས་སངས།